ཡོངས་འཛིན་རིག་མཛོད། >ལུས་རྩལ། >མཐར་སོན་ལུས་རྩལ།

བྲག་འཛེག

བྲག་འཛེག་ནི་མཐར་སོན་ལུས་རྩལ་གྱི་རིགས་ཤིག་ཡིན་པ་དང་། དེ་ནི་བྲག་འཛེག་ཐག་པ་ལ་སོགས་པའི་སྟབས་བདེའི་ཅ་ལག་དག་ལ་བརྟེན་ནས་གཡང་གཟར་དུ་འཛེག་པའི་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

རི་འཛེག

རི་འཛེག་ལུས་རྩལ་ནི་དམིགས་བསལ་ཅན་གྱི་ས་ཁམས་ཁོར་ཡུག་ཁྲོད། མཚོ་ངོས་ལས་དམའ་བའི་སྙོམས་ས་ནས་མཚོ་ངོས་ལས་མཐོ་བའི་རི་བོར་འཛེག་པའི་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

རླབས་ཤུད།

རླབས་ཤུད་ནི་རྦ་རླབས་ཀྱི་འདེད་ཤུགས་ལ་བརྟེན་ནས་མཚོ་རླབས་ཡོད་པའི་མཚོ་འགྲམ་དུ་རྩེད་བའི་སེམས་པ་འཕྲོག་ནུས་པའི་མཚོ་ཐོག་གི་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

ལྡིང་མཆོང་།

ལྡིང་མཆོང་ནི་ལྡིང་མཁན་སྨི40ལྷག་གི་མཐོ་སར་བསྡད་དེ་འགྱིག་ཐག་རིང་པོ་ཞིག་རང་ཉིད་ཀྱི་རྐང་པར་བཏགས་པ་དང་། དེ་ནས་ལག་པ་གཉིས་བརྐྱངས་ཤིང་རྐང་པ་མཉམ་གཤིབ་སྒོས། མགོ་བོ་ཐུར་དུ་དཔྱངས་ཏེ་མར་ལྡིང་པ་ཞིག་ཡིན།

རིགས་དབྱེ།  

ཤུད་པང་།

ཤུད་པང་ལུས་རྩལ་ནི་མཐར་སོན་ལུས་རྩལ་གྱི་རིགས་ཤིག་ཡིན་ཞིང་། དེ་ནི་ས་ངོས་ཀྱི་གསེག་ཚད་ལ་བརྟེན་ནས་ཆུ་རླབས་སྟེང་བསྐྱོད་པའི་འདྲ་ཚུགས་བཟོས་པ་ཞིག་ཡིན།

རིགས་དབྱེ།  

གཡོར་པང་ལུས་རྩལ།

གཡོར་པང་ལུས་རྩལ་ནི་གཡོར་གྲུ་དང་རླབས་ཤུད་གཉིས་ཀྱི་བར་ན་གནས་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ཞིང་། ལུས་རྩལ་བས་གྲུ་གཡོར་ལ་ཐེབས་པའི་རླུང་ཤུགས་བེད་སྤྱོད་བྱས་ནས་པང་ལེབ་སྟེང་ནས་ལངས་ཏེ་གཡོར་པང་ལ་ཁ་ལོ་བསྒྱུར་བའི་ལུས་རྩལ་འགུལ་སྐྱོད་ཀྱི་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

མལ་ལྡིང་ལུས་རྩལ།

མལ་ལྡིང་ལུས་རྩལ་ནི་ལུས་སྦྱོང་ལུས་རྩལ་གྱི་ཁོངས་སུ་གཏོགས་ཤིང་། དེ་ནི་ལུས་རྩལ་པས་ལྡེམ་ཁྲིའི་ལྡེམ་ཤུགས་བཀོལ་སྤྱོད་བྱས་ཏེ་རྩལ་རྩེད་སྣ་ཚོགས་ཀྱི་འཁྲབ་རྩལ་མངོན་པའི་རྩལ་འགྲན་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

འཁོར་ཤུད།

འཁོར་ཤུད་ལུས་རྩལ་ལ་སྤྱིར་བཏང་དུ་སྐམ་དར་སྟེག་པ་ཞེས་འབོད་ཅིང་། དེ་ནི་རྐང་པར་འཁོར་ལོ་བཞི་ཅན་གྱི་ཆེད་དུ་བཟོས་པའི་ལྷམ་འབོག་གྱོན་ཏེ་སྲ་ཞིང་སྙོམ་པའི་ས་ངོས་སུ་ཤུད་བགྲོད་བྱེད་པའི་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

གདུགས་མཆོང་ལུས་རྩལ།

གདུགས་མཆོང་ལུས་རྩལ་ཞེས་པ་ནི་གདུགས་མཆོང་མཁན་གནམ་གྲུར་སྡོད་པ་དང་དབུགས་ལྒང་སོགས་མཁའ་འགྲུལ་ཡོ་བྱད་དམ་ཡང་ན་ཡོ་བྱད་གཞན་དག་བར་སྣང་ལ་འཕུར་རྗེས་མར་མཆོང་བའམ་ཡང་ན་གཡང་གཟར་གྱི་རི་རྩེ་དང་མཐོ་ས་ནས་མར་མཆོང་སྟེ། མཁའ་རླུང་གི་སྒུལ་ཤུགས་དང་མཆོང་གདུགས་ལ་བརྟེན་ནས་མཆོང་གདུགས་མ་ཕྱེ་གོང་དང་ཕྱེ་རྗེས་གཏན་འཁེལ་གྱི་བྱ་སྤྱོད་སྣ་ཚོགས་ཡོངས་འགྲུབ་བྱེད་པ་མ་ཟད། མར་འབབ་གདུགས་ཀྱི་མྱུར་ཚད་ཇེ་དལ་དུ་བཏང་ནས་གཏན་འཁེལ་བྱས་པའི་ས་ཁོངས་སུ་བདེ་འཇགས་ངང་འབབ་པའི་ལུས་རྩལ་བྱ་འགུལ་ཞིག་ཡིན།

རིགས་དབྱེ།  

ཡོམ་པང་།

ཡོམ་པང་ནི་རྩལ་རྩེད་ཀྱི་འཁྲབ་སྟོན་ཁྲོད་རྒྱུན་སྤྱོད་ཀྱི་དོ་མཉམ་འཁྲབ་ཆས་ཤིག་ཡིན། དེ་ནི་པང་ལེབ་མཐུག་པོ་ཞིག་དང་སྒོར་ཟོའི་མཉམ་སྡེབ་ཅིག་ཡིན་ལ། པང་ལེབ་དེ་སྒོར་ཟོའི་སྟེང་དུ་བཞག་ཡོད་ཅིང་། མི་རྣམས་དེའི་སྟེང་དུ་ལངས་ཐུབ། གང་ལགས་ཤེ་ན། སྒོར་ཟོ་འགྲིལ་གྱི་ཡོད་པས་སྟེང་དུ་ལངས་པའི་འཁྲབ་སྟོན་པས་ངེས་པར་དུ་དོ་མཉམ་གྱི་ཚོར་སྣང་ལེགས་པོ་ཞིག་ཡོད་ན་གཞི་ནས་རྒྱུན་འཁྱོངས་བྱེད་ཐུབ། རྩལ་རྩེད་པ་ལ་ལས་འོག་ཏུ་སྒོར་ཟོ་མང་པོ་བརྩེགས་པས་པང་ལེབ་གཡས་གཡོན་དུ་གཡོ་བ་མ་ཟད། སྔ་གཞུག་ཏུ་ཡང་ཁེར་རྐྱང་དུ་གཡོ་ཞིང་། འཁྲབ་སྟོན་ཧ་ཅང་དཀའ་བ་ཞིག་ཡིན། རིགས་སྣ་ཚོགས་ཀྱི་རྩལ་རྩེད་འཁྲབ་སྟོན་ཚང་མ་ཡོམ་པང་དང་ཟུང་འབྲེལ་བྱས་ཆོག དེའི་ནང་རྒྱུན་མཐོང་གི་དབྱུག་རྩལ་དང་། ཚོད་འཛིན་ལག་རྩལ། ལུས་སྦྱོང་དང་འཇམ་རྩལ་སོགས་ཚུད་ཡོད། ཡོམ་པང་ཀྱང་མཉམ་དུ་མི་མང་པོས་བཀོལ་ཆོག དཔེར་ན་འཁྲབ་སྟོན་པ་གཉིས་དུས་གཅིག་ཏུ་ཡོམ་པང་སྟེང་ལངས་ཏེ། ཁོ་ཚོའི་མཉམ་དུ་དོ་མཉམ་སྲུང་འཛིན་བྱེད་ཐུབ།

རིགས་དབྱེ།  

འཁོར་ཤུད་ལུས་རྩལ།

འཁོར་ཤུད་ལུས་རྩལ་བྱ་འགུལ་ནི1760ལོར་དར་བ་ཞིག་ཡིན་ཞིང་། དེ་ནི་པི་ལི་ཧྲིའི་རའོ་སི་ཧྥུ་མའེ་ལན་གྱིས་གསར་གཏོད་བྱས་པ་ཡིན། ཁོས་ཚོད་ལྟའི་ཚུལ་གྱིས་བཟོས་པའི་འཁོར་ལོ་ཀོ་ལྷམ་གྱི་ཞབས་སུ་སྦྱར་ཏེ་ངོས་སྙོམ་པའི་ས་སྟེང་དུ་ཤུད་སྟེག་གི་རྩེད་མོ་བྱས། ཚོད་ལྟ་དེ་ཕམ་ཁ་རབ་དང་རིམ་པ་བརྒྱུད་ཅིང་དེ་བསྟུན་གྱིས་ལེགས་བཅོས་བྱས་མཐར་གཞི་ནས་རྒྱལ་ཁ་ལོན། འཁོར་ལྷམ་གྱིས“དར་ཤུད་སྟེག་པའི”ལོ་རྒྱུས་གསར་དུ་གཏོད།

རིགས་དབྱེ།  

སྐམ་ཤུད།

ལོ་རྒྱུས་སུ་འཚོལ་ཐུབ་པའི་འཛམ་གླིང་གི་སྐམ་ཤུད་དང་པོ་དེ་སྤྱི་ལོ1760ལོར་བྱུང་ཞིང་། ལུན་ཏུན་གྱི་མཛེས་འཆོས་ཞབས་བྲོའི་འདུ་ཚོགས་སྟེང་པེར་ཀྲེམ་གྱི་རོལ་མོ་བ་མོ་ལིན་བྱ་བས་ཐོག་མར་བཀོལ་སྤྱོད་བྱས་ཤིང་། རིམ་གྱིས་སྐམ་ཤུད་ལྷམ་ལའང་འགྱུར་བ་གང་མང་བྱུང་ནས་དར་རྒྱས་ཆེན་པོ་བྱུང་།

རིགས་དབྱེ།