རྟ་ཐོག་ཕོ་ལོང་།

རྟ་ཐོག་ཕོ་ལོང་གི་མིང་ལ་དབྱིན་སྐད་དུPoloཞེས་བརྗོད། དེ་བོད་སྐད་ཀྱི་མིང་ཕོ་ལོང་ནས་སྒྲུ་སྒྱུར་བྱས་པ་ཡིན། དེ་ནི་རྟ་ལ་ཞོན་ཏེ་སྤོ་ལོ་རྩེད་པའི་ལུས་རྩལ་གྱི་བྱེད་སྒོ་ཞིག་ཡིན། དེའི་མིང་ལ་གྲུག་པ་ཞེས་བརྗོད་པ་ཡང་ཡོད།

རིགས་དབྱེ།  

གཅན་ཚའི་མདའ་རྩེད།

མདའ་ནི་གདོད་མའི་སྤྱི་ཚོགས་སུ་རི་དྭགས་རྔོན་བྱེད་ཀྱི་ཐོན་སྒྲུབ་ལག་ཆ་སྟབས་བདེ་ཙམ་ཡིན་པ་དང་། བོད་ཀྱི་ལོ་རྒྱུས་སུ་མངའ་མཛད་བཅུ་གཉིས་སྐབས་ཀྱི་དང་པོ་གནོད་སྦྱིན་ནག་པོས་མངའ་དབང་མཛད་པའི་སྐབས་སུ་བྱུང་བར་གྲགས་ལ། དེ་ནི་དགྲ་འདུལ་གཉེན་སྐྱོང་སོགས་ཀྱི་དམག་འཁྲུག་གི་ཁྲོད་དུ་སྤྱོད་པའི་དུས་ཡིན་པར་གོ་བ་ལས་སྤྱིར་མདའ་མོ་ནི་མངའ་མཛད་བཅུ་གཉིས་སྐབས་ཀྱི་དང་པོའི་སྐབས་སུ་བྱུང་བར་བྱས་ན་རིགས་པའི་གཏད་སོ་ཅི་ཡང་མེད་དོ།།

རིགས་དབྱེ།  

བི་ཤུ།

བི་ཤུ་ནི་བོད་ལྗོངས་ཉིང་ཁྲིའི་ཀོང་པོ་ཡུལ་དུ་དར་ཁྱབ་ཆེ་བའི་རོལ་རྩེད་བྱ་འགུལ་ཞིག་ཡིན། མདའ་མོ་འདིའི་མདའ་རྩེ་ཤིང་ལས་བཟོས་པའི་ཟླུམ་སྙུང་དབྱིབས་ཅན་ཞིག་ཡིན་ཞིང་། དེའི་ཕྱོགས་བཞི་རུ་བུ་ག་ཆུང་ཆུང་བཞི་བརྟོལ་འདུག་པས་མདའ་འཕེན་དུས་སྒྲ་ཁྱད་པར་བ་ཞིག་གྲགས་པས་ཀུན་གྱིས་བི་ཤུ་ཞེས་ནས་འབོད་པ་ཡིན། མདའ་འཕེན་སའི་འབེན་དེ་སྨི50ཡི་མཚམས་སུ་བཞག་ཡོད་ཅིང་ཀོ་བ་ལས་བཟོས་པའི་སྒོར་དབྱིབས་རིམ་པ་གསུམ་གྱིས་གྲུབ་པ་ཞིག་ཡིན་པ་དང་། མདའ་མོ་འབེན་མིག་ལ་ཕོག་ནས་དཀྱིལ་གྱི་སྒོར་དབྱིབས་གཉིས་ས་ལ་ལྷུང་ན་རྒྱལ་ཁ་ཐོབ་པར་ངོས་འཛིན་གྱིན་ཡོད།

རིགས་དབྱེ།  

དབྱུག་བཟུང་ལུས་རྩལ།

དབྱུག་བཟུང་ལུས་རྩལ་ནི་མཚོ་བོད་ས་མཐོའི་ཐོག་དར་ཁྱབ་ཆེ་བའི་བོད་རིགས་ཀྱི་དམངས་ཁྲོད་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ལ། འགྲན་བསྡུར་དེ་སྤྱིར་བཏང་མི་གཉིས་དབར་སྤེལ་གྱི་ཡོད། འགྲན་ཞུགས་པ་ཕྱོགས་གཉིས་པོ་རྩྭ་ཐང་ཐོག་བསྡད་དེ་རྐང་པ་བཞི་པོ་ཕན་ཚུན་ཐུག་པ་དང་ལག་གཉིས་པོས་དབྱུག་པ་གཅིག་འཐེན་རེས་བྱས་ནས་ཕ་རོལ་པོའི་རྐུབ་ས་ངོས་ནས་བྲལ་བའི་བར་འཐེན་ཐུབ་མཁན་དེ་རྒྱལ་ཁ་ཐོབ་མཁན་ལ་བརྩི་བ་ཡིན་ནོ།།

རིགས་དབྱེ།  

ཐེ་པེད།

ཐེ་པེད་ནི་བྱ་སྒྲོ་སོགས་ཀྱིས་བཟོས་པའི་ལོ་ཆུང་བྱིས་པའི་རྐང་རྩལ་གྱི་རྩེད་མོ་ཞིག་ཡིན། དེར་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་ཏེ་རྟ་ཐོག་སྤོ་ལོའི་ལུས་རྩལ་གྱི་རྨང་གཞིའི་སྦྱོང་བརྡར་ཡིན་སྙམ་ཞིང་། དེ་ལྟའི་རྩེད་མོའི་རྣམ་གྲངས་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ཏུ་དར་ཞིང་ཁྱབ་ཡོད་ལ། ས་ཁུལ་ཁག་སོ་སོར་ཡང་རབ་ལ་ཐང་དཀར་རྒོད་པོའི་སྒྲོ་ལས་བཟོས་པའི་ཐེ་པེད་དང་། འབྲིང་ལ་ཁྱིམ་བྱའི་སྒྲོ་ལས་བཟོས་པའི་ཐེ་པེད། ཐ་མར་རས་སམ་ར་རྩིད་སོགས་ཅི་འབྱོར་བ་ལས་བཟོས་པའི་ཐེ་པེད་སྣ་ཚོགས་ཡོད།

རིགས་དབྱེ།  

ཐག་མཆོང་།

ཐག་མཆོང་གི་རྩེད་མོའི་རྣམ་གྲངས་ལའང་རྐྱང་རྩེད་དང་། སྡེབ་རྩེད་གཉིས་སུ་དབྱེ་ཆོག་ལ། རྐྱང་རྩེད་ནི་ཐག་པའི་གཞོགས་གཉིས་ནས་བྱིས་པ་གཉིས་ཀྱིས་ཐག་སྣེ་བཟུང་ཞིང་གཡུགས་པ་དང་ཆབས་ཅིག་དབུས་སུ་གཅིག་གིས་རྩེ་བ་ལྟ་བུ་དང་། སྡེབ་རྩེད་ལའང་གཞོགས་གཡས་གཡོན་གཉིས་ནས་བྱིས་པ་གཉིས་ཀྱིས་ཐག་སྣེ་བཟུང་ཞིང་གཡུགས་པ་དང་ཆབས་ཅིག་བྱིས་པ་གཉིས་སམ་གསུམ། ཡང་ན་དེ་ལས་མང་བའམ་ཐ་ན་བཅུ་གྲངས་འགའ་ཞིག་གིས་སྡེབ་མཆོང་གི་རྡོག་སྒྲ་གཅིག་ལྟ་བུར་རྩེ་བ་དང་། ཡར་མཆོང་སྐབས་ཕྱག་འབུལ་ཞུ་བ་དང་། མར་བབས་སྐབས་ལག་ཟུང་སྐུམ་ནས་འོངས། ལག་གཉིས་སྐེད་གཟེར་བྱས་ཏེ་མཆོང་བའམ་གཡས་གཡོན་དུ་སྐོར་བ་རྒྱག་ཅིང་མཆོང་བ། ས་སྟེང་ནས་དངོས་པོ་སྒྲུག་པ་སོགས་རྐང་ལག་གི་སྟངས་སྟབས་སྣ་ཚོགས་ཡོད་དོ།།

རིགས་དབྱེ།  

རྟ་ཐོག་མདའ་རྩལ།

རྟ་ཐོག་མདའ་རྩལ་ནི་རྟ་བཞོན་ཏེ་མདའ་དང་། མེ་མདའ་ཚ་ཁ་ལྟ་བར་ཟེར་བ་ཡིན། དེའང་གནའ་དུས་ཀྱི་འབྲོག་པའི་འཚོ་བ་དང་། རི་དྭགས་རྔོན་པ། དམག་དོན་སོགས་ལ་འབྲེལ་བ་གཏིང་ཟབ་ཡོད། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་རྟ་དམག་དཔུང་སྡེ་སྟོབས་ཆེན་ཡོད་སྟབས་དཔུང་སྡེ་དེའི་ནང་ནམ་རྒྱུན་དུ་རྟ་རྩལ་དང་། རྟ་རྒྱུག རྟ་ཐོག་མདའ་རྩལ་སོགས་ཀྱི་འགྲན་བསྡུར་བྱེད་པ་ཡིན།

རིགས་དབྱེ།  

མདའ་རྩེད།

མདའ་རྩེད་ནི་རོང་ཕྱོགས་ལ་དར་བའི་རྩེད་མོའི་རྣམ་པ་ཞིག་སྟེ་སྡེ་བ་སོ་སོས་འགྲན་སྡུར་བྱས་ནས་མདའ་རྩེད་གཏོང་བ་ལ་ཟེར་ཞིང་འདིར་དེའི་སྐོར་གྱི་ནང་དོན་ཕྲན་ཙམ་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།